ཚོགས་ཆུང་།
ཚོགས་སྡེའི་འཛིན་སྐྱོང་ལག་ལེན་གྱི་དོན་ལུ་
ཚོགས་ཆུང་ཚུ་ དགོས་དོན་ཁག་གསུམ་གྱི་དོན་ལུ་གལ་ཅན་ཨིན། དེ་ཡང་ དང་པ་
གནད་དོན་མགོ་རྙོག་ཅན་ཚུ་ ཁ་གསལ་བརྟག་ཞིབ་འབད་ནིའི་ཐད་ལུ་ ཚོགས་ཁང་ཡོངས་རྫོགས་ལས་
སྡེ་ཚན་ཆུང་བའི་ ཐོག་ལས་འབད་བ་ཅིན་ ལེ་ཤ་གིས་འཇམ་ཏོག་ཏོ་སྦེ་འབད་ཚུགས་པའི་དགོས་པ།
གཉིས་པ་ ཚོགས་ཆུང་ཚུ་གིས་ རྒྱལ་ཡོངས་ཀྱི་ ཚ་གྱང་དང་འབྲེལ་བའི་དོན་ཚན་ཚུ་གི་ཐོག་ལུ་
མི་སེར་དང་ མཁས་མཆོག་ཚུ་ལས་རེ་འདོད་དང་ བསམ་འཆར་ཚུ་བསྡུ་ལེན་ནིའི་ གོ་སྐབས་སྤྲོད་པའི་ཁར་
གནད་དོན་དེ་ཚུ་མི་མང་གི་གནས་ཐོའི་ནང་འཁོད་ཚུགས་པའི་དགོས་པ། གསུམ་པ་ ཚོགས་ཆུང་འཐུས་མི་
ཚུ་གིས་ སྲིད་བྱུས་དང་ ལས་རིམ་ཚུ་གི་སྐོར་ལས་ཞིབ་འཚོལ་དང་
བརྟག་ཞིབ་ཁ་གསལ་འབད་ཐོག་ལས་ ཆེད་དམིགས་ཅན་གྱི་ གནད་དོན་ཚུ་ནང་ ཁྱད་རྩལ་གོང་འཕེལ་གཏང་ཚུགས་པའི་དགོས་པ་བཅས་ཡོད།
དེ་འབདཝ་ལས་ འཐུས་མི་ཚུ་གིས་ དུས་ཚོད་དང་ བརྩོན་ཤུགས་རྒྱ་ཆེ་ཤོས་ཅིག་ཚོགས་ཆུང་གི་དགོས་དོན་ལུ་ བློས་ཕོག་ཡིད་ཕོག་སྦེ་ཕྱག་ཞུཝ་ཨིནམ་ལས་ ཁོང་གི་ ལཱ་འགན་གཙོ་བོ་ཚུ་གཤམ་གསལ་ལྟར་དུ་ཨིན།
- དཔྱད་ཡིག་ཚུ་བརྟག་དཔྱད་འབད་ནི།
- ཚོགས་ཁང་ནང་གསལ་ཞུ་འབད་དེ་ཡོད་པའི་ རྒྱལ་ཡོངས་ཀྱི་ཡུན་རིང་སྲིད་བྱུས་ཡིག་ཆ་ཚུ་ བསྐྱར་ཞིབ་འབད་ནི།
- སྲིད་བྱུས་ཀྱི་གདམ་ཁ་གཞན་ལུ་རྒྱབ་སྣོན་འོས་སྦྱོར་འབད་ནི།
- ལོ་བསྟར་སྙན་ཞུ་དང་ སྙན་ཞུ་གཞན་གྱི་རིགས་ལུ་ བསམ་ཞིབ་འབད་དེ་ གཞུང་ལུ་ཐབས་ལམ་ཚུ་གི་ རྒྱབ་སྣོན་འོས་སྦྱོར་ཕུལ་ནི།
- བློན་པོ་ཚུ་གིས་ དུས་དང་དུས་སུ་ ཁས་ལེན་དང་ དམ་བཅའ་ དེ་ལས་ ཉེན་ལེན་འབད་བའི་རིགས་ལུ་ ནན་ཞིབ་འབད་ནི།
- རྒྱུན་སྐྱོང་གནད་དོན་ཚུ་གི་ཐོག་ལུ་
མི་མང་རྩོད་བསྡུར་གྱི་གྲོས་གནས་མཁོ་སྤྲོད་འབད་ནི།