དྲི་བཀོད་ལས་རིམ།
དྲི་བཀོད་ལས་རིམ་འདི་ སྲིད་བྱུས་དང་ གནད་དོན་ཚུ་མི་མང་བསྐྱར་ཞིབ་དང་
འཛིན་སྐྱོང་ལྷན་སྡེ་གཞུང་ལུ་ འགན་འཁྲི་ཚུ་ ཕུལ་ཐོག་ལས་
ཚོགས་སྡེའི་འགན་དབང་གི་དམིགས་དོན་འགྲུབ་ནི་ལུ་ ཕན་ཐོགས་ཆེ་བའི་
སྤྱི་ཚོགས་ཀྱི་ཐབས་ལམ་ཚུ་གི་ གྲས་ལས་གཅིག་ཨིན།
དེ་ཡང་ རེས་གཟའ་ལྷག་པ་དང་ སྤེན་པ་ཨ་རྟག་ར་ དུས་ཡུན་ཆུ་ཚོད་༡ གི་རིང་ལུ་
ཚོགས་སྡེའི་འཐུས་མི་ཚུ་གིས་ དྲི་བ་བཀོད་པའི་ལན་གནང་མི་ གཞུང་གི་བློན་པོ་ཚུ་མགྲོན་བརྡ་ཕུལ་མི་དེ་ཡང་
དྭངས་གསལ་དང་ འགན་འཁྲི་དང་ འབྲེལ་བའི་གནད་ཚུ་གི་ཐད་ལུ་ གལ་ཆེ་བའི་བྱ་རིམ་ཅིག་ཨིན།
དེ་མ་ཚད་ བྱ་རིམ་འདི་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་དང་ གཞུང་གི་བློན་པོ་ཚུ་ ཕན་ཚུན་འབྲེལ་བ་ འཐབ་ཚུགས་ པའི་ཐབས་ལམ་ཅིག་ཨིན་པའི་ཁར་ བློན་པོ་ཚུ་གིས་ འཐུས་མི་ཚུ་ལུ་ གཞུང་གི་སྲིད་བྱུས་ཚུའི་སྐོར་ལས་ གསལ་བཤད་ འབད་ནིའི་གོ་སྐབས་ཅིག་དང་ ཁོ་རའི་འགན་དབང་གི་ཐོག་ལས་ སྲིད་བྱུས་དང་འབྲེལ་བའི་གྲོས་ཐག་གཅད་ནི་དང་ ཚོགས་སྡེའི་ འཐུས་མི་ཚུ་ལུ་ཚ་གྱང་ཡོད་མི་ཚུ་དོགས་སེལ་རྐྱབ་ཚུགས་པའི་ བྱ་རིམ་ཅིག་ཡང་ཨིན།