བཞུགས་སའི་གྱལ་རིམ་
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུའི་བཞུགས་ཐངས་གྱལ་རིམ་དེ་
ཁྲི་འཛིན་གྱིས་ཚོགས་རིམ་འགོ་འཁྲིད་འབད་ས་ གསེར་ཁྲིའི་ འོག་ལུ་ཐད་འཕྲང་སྟེ་ཡོད་པའི་ཁྲི་དང་
མདུན་ཅོག་ དུམ་གྲ་ཅིག་མཐོ་སུ་སྦེ་ འཐུ་སྟེ་ཡོད་མི་དེ་ལུ་གདོང་བསྒོར་ཏེ་ ཟླ་གམ་
དབྱིབས་ཅན་གྱི་གྱལ་རིམ་གསུམ་སྦེ་ཡོད། གདོང་ཁའི་གྱལ་རིམ་ནང་ ཁྱད་ལྡན་འཐུས་མི་ཚུ་དང་
འཐུས་མི་གཞན་ཚུ་ ཁོང་རའི་མཚན་གྱི་
ཀ་རྟགས་འགོ་རིམ་དང་འཁྲིལ་ཏེ་བཞུགསཔ། ཚོགས་སྡེའི་འཐུས་མི་ཚུ་གི་རྒྱབ་ཁར་
མགྲོན་ཞུ་ཕུལ་ཏེ་ ཡོད་པའི་ སྐུ་ཆེནམོ་གི་བཞུགས་གནས་དང་ སྤྱིར་བཏང་མི་མང་གི་སྡོད་གནས་
ཚོགས་ཁང་གི་ཟུར་ཁར་བཟོ་སྟེ་ཡོདཔ་ཨིན།
ཁྲི་འཛིན་གྱིས་འགོ་འཁྲིད་འབད་དེ་ ཚོགས་རིམ་འཚོགས་པའི་སྐབས་སུ་
གཡས་ཁ་ཐུག་ལུ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་དང་ གཡོན་ཁ་ཐུག་ལུ་ མདོ་ཆེན་སྡོདཔ་ཨིན།.