Dark Mode
Sunday, 18 May 2025

ང་བཅས་ཀྱིའཆར་གཞི།


རྒྱལ་ཁབ་ཀྱི་ བདེ་སྲུང་དང་ རང་བཙན་སྲུང་སྐྱོབ་འབདཝ་ད་ མི་སེར་གྱི་ཕན་བདེ་ཡར་དྲག་གཏང་ནི་ལུ་ཕན་པའི་ ནུས་སྟོབས་ཅན་གྱི་དམངས་གཙོའི་རིང་ལུགས་ཅིག་གི་ སྲིད་འབྲེལ་ལས་ཐ་དད་པའི་ གཙུག་སྡེ་གཙོ་བོ་ཅིག་འབད་ སྡོད་ནི་དེ་ཨིན།


ང་བཅས་ཀྱི་དམིགས་གཏད།


གཞུང་གི་སྲིད་བྱུས་དང་ ཁྲིམས་ཚུ་བསྐྱར་ཞིབ་དང་ རྒྱལ་ཁམས་ཀྱི་ཕྱག་ལཱ་ཚུ་ལུ་ ནན་ཞིབ་འབད་ཐོག་ལས་ མི་སེར་གྱི་དགོས་མཁོ་དང་ རེ་འདོད་ཚུ་འགྲུབ་ཚུགསཔ་འབད་ནི་དང་ རྒྱལ་ཡོངས་ཀྱི་གལ་གནད་ཅན་གྱི་ གནད་དོན་ཚུ་གི་ཐོག་ལུ་ རྒྱལཔོ་དང་ བློན་ཆེན་ དེ་ལས་ རྒྱལ་ཡོངས་འདུ་ལུ་ གྲོས་སྟོན་ཕུལ་ནི་དེ་ཨིན།

སྙིང་བཅུད་ཁྱད་རྣམ་གཙོ་བོ་ཚུ།


རྒྱལ་ཡོངས་ཚོགས་སྡེ་འདི་ སྙིང་བཅུད་ཁྱད་རྣམ་གཙོ་བོ་ རྒྱལ་གཅེས་རིང་ལུགས་དང་ ཁྱད་རིག་ ཉམ་ཆུང་ དྲང་བདེན་ ཕྱོགས་རིས་མེད་པ་ དེ་ལས་ གཞན་ལུ་ཕན་སེམས་ཚུ་གིས་ལམ་སྟོན་ཐོག་ལུ་ཡོད་པའི་ གཙུག་ སྡེ་ཅིག་ཨིན།