
ཁྲིམས་བཟོ་ཚོགས་ཆུང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ ༢༠༠༤ ཅན་མ་ འཕྲི་སྣོན་འབད་ནིའི་དོན་ལས་ ཁྲིམས་རྩོདཔ་གོངམ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཚོགས་ཡོདཔ།
སྤྱི་ཚེས་
༡༡/༠༣/༢༠༢༥ ལུ་ ཁྲིམས་བཟོ་ཚོགས་ཆུང་གིས་ སྒེར་གྱི་ཁྲིམས་རྩོདཔ་ཚུ་དང་གཅིག་ཁར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་
༢༠༠༤ ཅན་མ་ འཕྲི་སྣོན་འབད་ནིའི་དོན་ལུ་ གྲོས་བསྟུན་ཞལ་འཛོམས་འགོ་དང་པ་ཚོགས་གནང་ནུག།
ཚོགས་ཆུང་ལུ་ ལཱ་འགན་དེ་ སྤ་རོ་ལུ་ ཐབས་བྱུས་མཉམ་འབྲེལ་ཞལ་འཛོམས་ཚོགས་པའི་སྐབས་ སྤྲོད་ཡོདཔ་ཨིན་པས།
གྲོས་བསྟུན་ལས་རིམ་དེ་ཡང་
ཁྲིམས་དོན་མཁས་མཆོག་ཚུ་ལས་ ཤེས་རྟོགས་ཚུ་བསྡུ་ལེན་འབད་ནིའི་དོན་ལུ་ཨིནམ་ད་ དེ་གིས་
འབྲུག་གི་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ ཁྲིམས་དོན་གནས་སྟངས་དང་བསྟུན་ ཕན་ནུས་ཅན་དང་
འདྲ་མཉམ་གྱི་ ཉེས་འགེལ་དྲང་ཁྲིམས་ལམ་ལུགས་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ཚོགས་ཆུང་གིས་ བསྐྱར་ཞིབ་ཀྱི་ བྱ་རིམ་ཚུ་ ཡོངས་སུ་རྫོགསཔ་སྦེ་ འགོ་འདྲེན་འཐབ་ནི་ལུ་
འབྲེལ་གཏོགས་ཅན་མ་འདྲཝ་ཚུ་དང་ འབྲེལ་གཏོགས་འབད་ནི་ལུ་ ཁས་བླངས་འབད་དེ་ཡོདཔ་ཨིན་པས།
གྲོས་བསྟུན་འདི་ཚུ་ལས་
ཤེས་རྟོགས་འབྱུང་མི་ཚུ་ བསྡུ་སྒྲིག་འབད་དེ་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་ གསལ་ཞུ་ཕུལ་ནི་ཨིནམ་ད་
འདི་གིས་ ཁྲིམས་དོན་གཞི་བཀོད་ཡར་དྲག་གཏང་ནི་དང་ དྲང་བདེན་ལམ་ལུགས་ནང་འཁོད་ལུ་ དེང་སང་གི་
གདོང་ལེན་ཚུ་ བསལ་ནི་ལུ་ ཕན་རླབས་ཆེ་ནི་ཨིན་པས།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description