dark_mode
Saturday, 19 April 2025
རང་བཞིན་ཐོན་སྐྱེད་དང་མཐའ་འཁོར་ཚོགས་ཆུང་གིས་གྲོས་བསྟུན་ཞལ་འཛོམས་ཚོགས་ཡོདཔ་ཨིན།

རང་བཞིན་ཐོན་སྐྱེད་དང་མཐའ་འཁོར་ཚོགས་ཆུང་གིས་གྲོས་བསྟུན་ཞལ་འཛོམས་ཚོགས་ཡོདཔ་ཨིན།

སྤྱི་ཚེས་༡༦/༠༤/༢༠༢༥ ལུ་ རང་བཞིན་ཐོན་སྐྱེད་དང་མཐའ་འཁོར་ཚོགས་ཆུང་གིས་ བཟོ་གྲྭ་ལས་ཁུངས་དང་ ཚོང་འབྲེལ་ལས་ཁུངས་ དེ་ལས་ འབྲུག་སྔོ་ལྗང་ལས་འཛིན་ཚད་ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ནགས་ཚལ་ཐོན་སྐྱེད་ཚུ་ལས་ རྒྱལ་ཡོངས་ཐོན་སྐྱེད་ཡོངས་འབོར་ལུ་ ཕན་ཐོགས་ཉུང་སུ་ཅིག་ཡོད་པའི་གནད་དོན་གུ་ གྲོས་བསྟུན་ཞལ་འཛོམས་ཚོགས་ཡོདཔ་ཨིན།

བཟོ་གྲྭ་ལས་ཁུངས་འདི་ནང་ ཁང་ཆས་བཟོ་བསྐྲུན་དང་ ཤིང་ཆས་བཟོ་བསྐྲུན་ དེ་ལས་ ཤིང་གི་ལག་བཟོ་དང་ བཟོ་བསྐྲུན་གྱི་ཅ་ཆས་ཚུ་ བཟོ་བསྐྲུན་འབད་ཡོདཔ་སྦེ་ གསལ་ཞུ་ཕུལ་ཡོདཔ་མ་ཚད་ ལས་ཁུངས་ནང་ གདོང་ལེན་འབྱུང་ཡོད་མི་ཚུ་ཡང་བཤད་ཡོདཔ་ཨིན།

ཚོང་འབྲེལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༡ ལས་༢༠༢༤ ཚུན་ ཚོང་འབྲེལ་གྱི་ གནས་སྡུད་ཚུ་ གསལ་བཀོད་འབད་བའི་སྐབས་ ནང་འདྲེན་གྱི་ ཚད་གཞི་ཡར་སེང་འགྱོ་མི་དང་ ཚོང་འབྲེལ་གྱི་ གྱོང་རྒུད་ཚུ་ འཕྲོ་མཐུད་དེ་རང་ ཡོདཔ་སྦེ་ གསལ་ཞུ་ཕུལ་ཡོདཔ་ཨིན།

འབྲུག་སྔོ་ལྗང་ལས་འཛིན་ཚད་ཀྱི་ དམིགས་ཡུལ་ འགན་ཁུར་གཙོ་བོ་ དེ་ལས་ མི་སྟོབས་གནས་རིམ་ཚུ་ གསལ་ཞུ་ཕུལ་ཡོདཔ་ཨིན། དེ་མ་ཚད་ གསལ་ཞུ་ནང་ ད་ལྟོ་འབད་བའི་བསྒང་ཡོད་མི་ ལས་རིམ་དང་ མ་དངུལ་གྱི་ཐོ་ཕོག་མི་ དེ་ལས་ སྐྱེ་ལྡན་ལྟ་བཤལ་གྱི་ཐོག་ལས་ རྒྱལ་ཡོངས་ཐོན་སྐྱེད་ཡོངས་འབོར་ལུ་ ཕན་ཐོགས་བྱུང་མི་ཚུ་ཡང་ བཀོད་ཡོདཔ་ད་ ལས་འཛིན་གྱི་ གདོང་ལེན་གཙོ་བོ་ཚུ་ཡང་ གསལ་བཀོད་འབད་ཡོདཔ་ཨིན།

 

 

comment / reply_from

vote / poll

How should the government react to Bhutanese leaving to Australa?

view_results
Encourage them
70%
Discourage them
13%
Stop them from leaving
17%

newsletter

newsletter_description