dark_mode
Sunday, 20 April 2025
རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ ཆེད་བསྟོད་ཅན་གྱི་འཐུས་མི་ ཉི་མ་དབང་འདུས་གིས་ གཞུང་འབྲེལ་འདེམས་ཁོངས་ལྟ་སྐོར་གནང་པའི་བསྒང་ཡོདཔ་ཨིན།

རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ ཆེད་བསྟོད་ཅན་གྱི་འཐུས་མི་ ཉི་མ་དབང་འདུས་གིས་ གཞུང་འབྲེལ་འདེམས་ཁོངས་ལྟ་སྐོར་གནང་པའི་བསྒང་ཡོདཔ་ཨིན།

རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ ཆེད་བསྟོད་ཅན་གྱི་འཐུས་མི་ ཉི་མ་དབང་འདུས་གིས་ གཞུང་འབྲེལ་འདེམས་ཁོངས་ལྟ་སྐོར་གནང་པའི་བསྒང་ཡོདཔ་ཨིན། ལྟ་སྐོར་འདི་ཡང་ སྤྱི་ཚེས་༠༦/༠༣/༢༠༢༥ ལས་འགོ་བཙུགས་ཡོདཔ་ད་ ད་ཚུན་ ཆེད་བསྟོད་ཅན་གྱི་འཐུས་མི་གིས་ མཐའ་ཟུར་གྱི་སྤྱི་འོག་དང་ སློབ་གྲྭ་ཚུ་ནང་ལས་ཕར་ བྱོན་ཡོདཔ་ཨིན།

འཐུས་མི་གིས་ མི་སེར་དང་གཅིག་ཁར་ ཞལ་འཛོམས་ཚོགས་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ ཞལ་འཛོམས་ཐེངས་༣༤ པའི་ གྲོས་ཆོད་གཙོ་བོ་དང་ རྒྱལ་ཡོངས་ཤེས་རིག་སྲིད་བྱུས་ ༢༠༢༤ ཅན་མ་ཚུའི་སྐོར་ལས་ གོ་བ་བརྡ་སྤྲོད་སྤེལ་གནང་ནུག། དེ་སྦེ་འདེམས་ཁོངས་བལྟ་སྐོར་ མཛད་དགོ་མི་འདི་ཡང་ མི་སེར་ཚུ་གི་ ཚ་གྱང་དང་ རེ་འདོད་ དེ་ལས་ བསམ་འཆར་ཚུ་བསྡུ་ལེན་འབད་ནིའི་དོན་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

ཆེད་བསྟོད་ཅན་གྱི་འཐུས་མི་གིས་ འདེམས་ཁོངས་ལྟ་སྐོར་དེ་ འཕྲོ་མཐུད་དེ་རང་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་དང་  ཤེས་རིག་གཙུག་སྡེ་ཚུ་ནང་ ལྟ་སྐོར་འབད་དེ་ གོང་འཕེལ་གྱི་དགོས་མཁོ་དང་ མི་སྡེའི་ཚ་གྱང་ཚུ་ བརྟག་ཞིབ་འབད་དེ་ མ་འོངས་པའི་ སྲིད་བྱུས་ཚུ་ བརྡ་དོན་སྤྲོད་ནི་ཨིན་པས།

comment / reply_from

vote / poll

How should the government react to Bhutanese leaving to Australa?

view_results
Encourage them
70%
Discourage them
13%
Stop them from leaving
17%

newsletter

newsletter_description