
ཁྲིམས་བཟོ་ཚོགས་ཆུང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ ༢༠༠༤ ཅན་མའི་ འཕྲི་སྣོན་གུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གི་ འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་གནང་ཡོདཔ་ཨིན།
སྤྱི་ཟླ་༣
པའི་སྤྱི་ཚེས་༡༣ ལུ་ ཁྲིམས་བཟོ་ཚོགས་ཆུང་གིས་ འབྲུག་གི་ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ ༢༠༠༤ ཅན་མ་ འཕྲི་སྣོན་འབད་ནིའི་དོན་ལུ་ གྲོས་བསྟུན་འབད་ཡོདཔ་ཨིན།
ཞལ་འཛོམས་ཚོགས་དགོ་པའི་དམིགས་གཏད་གཙོ་བོ་ར་ འབྲུག་གི་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་
ཁྲིམས་དོན་གནས་སྟངས་དང་འཁྲིལ་ ཉེས་འགེལ་དྲང་བདེན་གྱི་ ལམ་ལུགས་ ཕན་ནུས་ཅན་དང་ དྲང་བདེན་ཅན་ཅིག་
བཟོ་ནི་ལུ་ ཕན་ཐོགས་འབྱུང་ནི་གི་དོན་ལུ་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གི་ བསམ་འཆར་ཚུ་
བསྡུ་སྒྲིག་འབད་ནི་གི་དོན་ལུ་ཨིན་མས།
གྲོས་བསྟུན་འདི་
ཁྲིམས་སྲུང་འགག་པ་དང་ ཁྲིམས་དོན་མཁས་མཆོག་ དེ་ལས་ འབྲེལ་ཡོད་ཚུ་གིས་ བསམ་འཆར་མ་འདྲཝ་བཀོད་མི་ཚུ་
མཉམ་སྡེབ་འབད་དེ་ ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་འབད་ནིའི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་མས།
འཕྲི་སྣོན་འདི་ཡང་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་ལུ་ ཕུལ་ནི་ཨིནམ་ལས་ འདི་གིས་ ཁྲིམས་དོན་གཞི་བཀོད་འདི་
སྒྲིང་སྒྲི་བཟོ་ནི་ལུ་ ཕན་རླབས་འབྱུང་ནི་ཨིན་མས།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description