dark_mode
Sunday, 20 April 2025
རྒྱལ་ཡོངས་ཚོགས་སྡེའི་ བུམ་ཐང་རྫོང་ཁག་གི་ ཆེད་བསྟོད་ཅན་གྱི་འཐུས་མི་གཞུང་འབྲེལ་འདེམས་ཁོངས་ གཟིགས་སྐོར་གནང་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་སྡེའི་ བུམ་ཐང་རྫོང་ཁག་གི་ ཆེད་བསྟོད་ཅན་གྱི་འཐུས་མི་གཞུང་འབྲེལ་འདེམས་ཁོངས་ གཟིགས་སྐོར་གནང་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་སྡེའི་ བུམ་ཐང་རྫོང་ཁག་གི་ ཆེད་བསྟོད་ཅན་གྱི་འཐུས་མི་ དཀོན་མཆོག་ཚེ་རིང་གིས་ སྤྱི་ལོ་༢༠༢༥ སྤྱི་ཟླ་༣ པའི་ སྤྱི་ཚེས་༢༡ ལས་ གཞུང་འབྲེལ་འདེམས་ཁོངས་ གཟིགས་སྐོར་གནང་ཡོདཔ་ཨིན། ད་ཚུན་ འཐུས་མི་གིས་ ཨུ་ར་དང་ ཆུ་སྨད་རྒེད་འོག་གཉིས་ཀྱི་ འགོ་ཁྲིདཔ་དང་ དེའི་འོག་ལུ་ཡོད་པའི་ སྤྱི་འོག་༡༠ གྱི་ མི་སེར་ཚུ་དང་ ཞལ་འཛོམས་ཚོགས་ཡོདཔ་ཨིན།


ཆེད་བསྟོད་ཅན་གྱི་འཐུས་མི་གིས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༣༤ པའི་ གྲོས་ཆོད་ཚུ་ མི་སེར་ཚུ་ལུ་གོ་བ་བརྡ་སྤྲོད་གནང་ཡོདཔ་མ་ཚད་ ཚོགས་ཐེངས་༣༥ པའི་ གྲོས་གཞི་ཚུ་ཡང་ གསུངས་ཡོདཔ་ཨིན། དེ་མ་ཚད་ མི་མང་གི་ བསམ་འཆར་ཚུ་ བསྡུ་ལེན་མཛད་གནང་ཡི།

འདི་བཟུམ་སྦེ་ ལྷག་ལུས་རྒེད་འོག་ སྟང་དང་ ཆོས་འཁོར་ དེ་ལས་ཁྲོམ་སྡེ་ཚུ་ནང་ གཟིགས་སྐོར་འདི་ སྤྱི་ལོ་༢༠༢༥ སྤྱི་ཟླ་༤ པའི་ སྤྱི་ཚེས་༨ ལས་༡༣ ཚུན་ འགོ་འདྲེན་འཐབ་གནང་ནི་ཨིན་པས།

comment / reply_from

vote / poll

How should the government react to Bhutanese leaving to Australa?

view_results
Encourage them
70%
Discourage them
13%
Stop them from leaving
17%

newsletter

newsletter_description