
མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སྤྱི་ལོ་༢༠༢༥ སྤྱི་ཟླ་༣ པའི་སྤྱི་ཚེས་༡༥ ལུ་ ངང་ལམ་ལ྄།
མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སྤྱི་ལོ་༢༠༢༥ སྤྱི་ཟླ་༣ པའི་སྤྱི་ཚེས་༡༥ ལུ་ ངང་ལམ་གྱི་ དྲུང་པ་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ ཁྲིམས་སྲུང་འགག་པ་དང་ འབྲེལ་ཡོད་འགོ་དཔོན་ཚུ་དང་གཅིག་ཁར་ ན་གཞོན་སྨྱོ་རྫས་ལོག་སྤྱོད་ཀྱི་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་ཚོགས་གནང་ཡི།
དྲུང་པ་གིས་བཤད་མི་ནང་ ངང་ལམ་འདི་ ཤར་ཕྱོགས་ཀྱི་ འཛུལ་སྒོ་ཅིག་ཨིནམ་ད་ ཉིན་རེ་ཆེ་མེད་པར་ སྣུམ་འཁོར་༨༠༠ ལྷགཔ་ཅིག་དང་ རྒྱ་གར་གྱི་ ལྟ་བཤལཔ་༣༥༠ དེ་ཅིག་ འོང་དོ་ཡོདཔ་ད་ ངལ་གསོའི་སྐབས་ འདི་བ་ཡང་མངམ་འོངམ་མས་ཟེར་ཨིན་མས།
རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་
སྙན་ཞུ་འབད་མིའི་ནང་ སྨྱོ་རྫས་ཀྱི་གནད་དོན་དེ་
མང་ཤོས་ར་ས་མཚམས་ཞིབ་དཔྱད་སྒོ་ར་ཚུ་ནང་ འབྱུངམ་མས་ཟེར་ཨིན་པས།
གནད་དོན་དེ་བསལ་ཐབས་ལུ་ གདོང་ལེན་འབྱུང་ཡོད་མི་ཚུ་དང་
མི་སྡེ་ནང་ཐབས་ཤེས་ཚུ་ག་ཅི་རང་བཏོན་ཡོདཔ་ཨིན་ན་ འདི་ཚུ་ཡང་བཤད་གནང་ཡི།
འདི་བཟུམ་སྦེ་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ལོ་ན་མ་སྨིན་མི་ཚུ་ལུ་ ཆང་དང་ཏམ་ཁུ་བཙོང་མི་དང་ ས་སྒོ་ག་ལྷོད་སར་ ཏམ་ཁུ་འཐུང་མི་ དེ་ལས་ ལཱ་གཡོག་གི་གོ་སྐབས་མེད་མི་ལུ་བརྟེན་ ན་གཞོན་ཚུ་ལུ་ སྨྱོ་རྫས་ལོག་སྤྱོད་ཀྱི་ རྒྱུ་རྐྱེན་ཡོདཔ་སྦེ་ ཚ་གྱང་བཤད་ཅི།
ཚོགས་ཆུང་གིས་ དེའི་ཉིན་མར་
ངང་ལམ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་དང་ ཕྱད་ཡོདཔ་ད་ སློབ་ཕྲུག་ཚུ་གིས་
སྨྱོ་རྫས་འདི་གནད་དོན་ག་ཅི་ལས་བརྟེན་ ལོག་སྤྱོད་འབད་དོགཔ་འབྱུངམ་ཨིན་ན་དང་
གནད་དོན་དེ་བསལ་ཐབས་ལུ་ ཐབས་ལམ་ག་ཅི་བཏོན་དགོཔ་ཡོདཔ་ཨིན་ན་ཚུ་ ཁྲིམས་ལུགས་ཚུ་
ཞུ་བ་ཕུལ་ཡི། ཞིབ་འཚོལ་གྱི་གྲུབ་འབྲས་ཚུ་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་
སྙན་ཞུ་ཕུལ་ནི་ཨིན་པས།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description