
མཁས་དབང་ ཨོ་ཀི་བེ་ཀའོ་རུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ མི་རྗེ་ཁྲི་འཛིན་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན།
ཇ་པཱན་ལས་ཨིན་མི་ མཁས་དབང་
ཨོ་ཀི་བེ་ཀའོ་རུ་དེ་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་ནང་
གསལ་བཤད་གནང་པར་བྱོན་ཡོདཔ་དང་ མཁས་དབང་དེ་ ཁྲིམས་དོན་དང་ སྲིད་དོན་གྱི་
མཐོ་རིམ་སློབ་གྲྭ་ནང་ལས་ ཇ་པཱན་གྱི་སྲིད་དོན་དང་
ཕྱི་འབྲེལ་སྲིད་སྐྱོང་གི་བྱུང་རབས་ནང་ ཁྱད་དུ་འཕགས་པ་ཅིག་ཨིན་མི་ མཁས་དབང་དེ་
འབྲུག་ལུ་ ཉིན་གྲངས་༣ གྱི་དོན་ལུ་ བྱོན་ཡོདཔ་ཨིན་པས།
མཇལ་འཕྲད་ཀྱི་སྐབས་ལུ་
མི་རྗེ་ཁྲི་འཛིན་དང་ མཁས་དབང་གཉིས་ཀྱིས་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་
གནས་སྟངས་ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་སྐོར་ལས་
བསམ་འཆར་ཚུ་བརྗེ་སོར་འབད་ཡོདཔ་མ་ཚད་ མི་རྗེ་ཁྲི་འཛིན་གྱིས་
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་བཞེད་ལྟར་དུ་
གཞུང་སྐྱོང་ལེགས་ལྡན་ཡར་དྲག་གཏང་ནི་ལུ་ རྒྱལ་ཡོངས་ཚོགས་སྡེ་དང་
རྒྱལ་ཡོངས་ཚོགས་འདུའི་ འགན་ཁུར་ཚུ་བཤད་ཡོདཔ་མ་ཚད་
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གནས་ཐོ་ཚུ་ཡང་ གསུངས་གནང་ཡི།
རྒྱལ་ཡོངས་ཚོགས་སྡེ་གིས་ མཁས་དབང་ལུ་
གཟིགས་སྐོར་གནངམ་མ་ཚད་ གཞུང་སྐྱོང་དང་ དམངས་གཙོའི་རིང་ལུགས་ དེ་ལས་
ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ ཕན་ནུས་ཅན་གྱི་ གསུང་གྲོས་གནང་མི་ལུ་
དགའ་ཚོར་ཕུལ་ཡོདཔ་ཨིན་པས།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description