dark_mode
Saturday, 19 April 2025
རྒྱལ་ཡོངས་ཚོགས་སྡེའི་དྲུང་ཆེན་ཡིག་ཚང་ནང་ རྡོ་རྗེ་ཚེ་རིང་གིས་ གཞུང་འབྲེལ་དུ་ ལས་རིམ་གཙོ་འཛིན་འགོ་དཔོན་གསརཔ་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་སྡེའི་དྲུང་ཆེན་ཡིག་ཚང་ནང་ རྡོ་རྗེ་ཚེ་རིང་གིས་ གཞུང་འབྲེལ་དུ་ ལས་རིམ་གཙོ་འཛིན་འགོ་དཔོན་གསརཔ་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན།

སྤྱི་ལོ་༢༠༢༥ སྤྱི་ཟླ་༤ པའི་སྤྱི་ཚེས་༡༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་དྲུང་ཆེན་ཡིག་ཚང་ནང་ རྡོ་རྗེ་ཚེ་རིང་གིས་ གཞུང་འབྲེལ་དུ་ ལས་རིམ་གཙོ་འཛིན་འགོ་དཔོན་གསརཔ་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན།

ཁོ་གིས་ ཧེ་མ་ པདྨ་དྲུང་ཆེན་ཡིག་ཚང་ནང་ གཙོ་འཛིན་སྦེ་ ཕྱག་ཞུ་སྟེ་ཡོདཔ་ད་ ཁོ་གི་ཉམས་མྱོང་དང་ འགོ་ཁྲིད་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གི་ དམིགས་གཏད་འགྲུབ་ནི་ལུ་ རྒྱབ་སྐྱོར་འབད་ཚུགས་པའི་ རེ་བ་བསྐྱེད་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ ཆེད་བསྟོད་ཅན་གྱི་འཐུས་མི་ ཡོངས་ཁྱབ་དྲུང་ཆེན་དང་ ལས་བྱེདཔ་ཡོངས་ཀྱིས་ གཙོ་འཛིན་ལུ་ དགའ་ཚོར་དང་བཅསཔ་སྦེ་ ཕེབས་བསུ་ཞུཝ་མ་ཚད་ འགན་ཁུར་གསརཔ་ནང་ མཐར་འཁྱོལ་འབྱུང་ཚུགས་པའི་ སྨོན་ལམ་ཕུལ་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ དམིགས་ཡུལ་ཡར་དྲག་གཏང་ནི་ལུ་  ཁོ་གི་འགོ་ཁྲིད་དང་མཉམ་འབྲེལ་ལུ་ རེ་བ་བསྐྱེདཔ་ཨིན་པས།

comment / reply_from

vote / poll

How should the government react to Bhutanese leaving to Australa?

view_results
Encourage them
70%
Discourage them
13%
Stop them from leaving
17%

newsletter

newsletter_description