dark_mode
Saturday, 19 April 2025
འབྲུག་གི་བརྡ་བརྒྱུད་གནས་སྟངས་བསྐྱར་ཞིབ་སྙན་ཞུ་གུ་ ངོ་སྤྲོད་གསལ་ཞུ་ཕུལ་གནང་ཡི།

འབྲུག་གི་བརྡ་བརྒྱུད་གནས་སྟངས་བསྐྱར་ཞིབ་སྙན་ཞུ་གུ་ ངོ་སྤྲོད་གསལ་ཞུ་ཕུལ་གནང་ཡི།

ད་རིས་ རྒྱལ་ཡོངས་ཚོགས་སྡེའི་བཞུགས་རིམ་ ༡༡ པའི་ནང་ མི་སྡེ་དང་ལམ་སྲོལ་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོེ་གིས་ འབྲུག་གི་བརྡ་བརྒྱུད་གནས་སྟངས་བསྐྱར་ཞིབ་སྙན་ཞུ་གུ་ ངོ་སྤྲོད་གསལ་ཞུ་ཕུལ་གནང་ཡི།

གསལ་ཞུ་ནང་ འབྲུག་གི་བརྡ་བརྒྱུད་གནས་སྟངས་བསྐྱར་ཞིབ་འབད་དགོ་པའི་ རྒྱབ་ཁུངས་དང་ དམིགས་དོན་ རྩོམ་རིགས་ཐབས་བྱུས་དང་ ཤེས་རྟོགས་ དེ་ལས་  བརྡ་བརྒྱུད་ལས་ཁངས་དང་ བརྡ་བརྒྱུདཔ་ཚུ་གིས་མྱོང་བའི་ དཀའ་ངལ་དང་གདོང་ལེན་ གཞན་ཡང་  གྲོས་འདེབས་དང་བཅས་ དོན་ཚན་ཁག་ ༡༠ དེ་ཅིག་གུ་ ཡོངས་སུ་རྫོགསཔ་སྦེ་ གསལ་ཞུ་ཕུལ་གནང་ཡོདཔ་ཨིན།

དེ་གི་ཤུལ་ལས་ར་ ཚོགས་གྲལ་གྱི་འཐུས་མི་ཚུ་གིས་ ཐུགས་འཆར་དང་ ཐུགས་དོགས་ཚུ་ཞུ་གནང་བའི་སྐབས་ ཚོགས་ཆུང་གི་འབྲེལ་ཡོད་འཐུས་མི་གིས་ འོས་ལྡན་གྱི་དོགས་སེལ་དང་ གསུང་ལེན་ཚུ་གནང་ཡོདཔ་ཨིན།

དེ་བཟུམ་སྦེ་ར་ ཚོགས་ཆུང་གིས་བཀོད་ཡོད་མི་ སྙན་ཞུ་གི་དོན་ཚན་དང་ གྲོས་འདེབས་རེ་རེ་བཞིན་གུ་ གསུང་གྲོས་ཞིབ་ཞིབ་སྦེ་གནང་བའི་ཤུལ་ལུ་ གྲོས་འདེབས་གཅིག་ ནང་འཁོད་ཞལ་འཛོམས་ནང་ ལེགས་བཅོས་ཀྱི་དོན་ལུ་ཕུལ་ཡོདཔ་དང་ གྲོས་འདེབས་མང་ཤོས་ར་ ཆ་འཇོག་གྲུབ་གནང་ཡོདཔ་ཨིན

comment / reply_from

vote / poll

How should the government react to Bhutanese leaving to Australa?

view_results
Encourage them
70%
Discourage them
13%
Stop them from leaving
17%

newsletter

newsletter_description