
འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་དང་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན་) ༢༠༢༤ ཅན་མ་ དེ་ལས་ འབྲུག་གི་ ནོར་ཁྲལ་དགོངས་ཡངས་ཀྱི་དཔྱད་ཡིག་ ༢༠༢༤ ཅན་མ་གུ་ ཆ་འཇོག་གི་མཛད་ར
ད་རུང་ བཞུགས་རིམ་
༡༡ པའི་ནང་ གསོལ་བརམ་གི་ཤུལ་ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་
༢༠༢༤ ཅན་མ་དང་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན་) ༢༠༢༤ ཅན་མ་ དེ་ལས་ འབྲུག་གི་ ནོར་ཁྲལ་དགོངས་ཡངས་ཀྱི་དཔྱད་ཡིག་
༢༠༢༤ ཅན་མ་གུ་ ཆ་འཇོག་གི་མཛད་རིམ་ འགོ་འདྲེནའཐབ་གནང་ཡི།
དེ་གི་སྐབས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མའི་ འགོ་འཛིན་པ་སྦེ་ ཕྱག་ལཱ་གནང་མི་ ཁྲིམས་བཟོ་ལས་དོན་ཚོགས་ཆུང་གི་ ཁྲི་འཛིན་གསར་སྤང་གི་ཆེད་བསྟོད་ཅན་གྱི་འཐུས་མི་ པདྨ་བཀྲིས་ཀྱིས་ དཔྱད་ཡིག་གི་དུས་མཐུན་སྙན་ཞུ་ཕུལ་གནང་བའི་ཤུལ་ ཚོགས་ཁང་གིས་ རྒྱན་སྐྱུར་ཐོག་ལས་ཆ་འཇོག་གནང་བའི་སྐབས་ ཚོགས་གྲལ་འཐུས་མི་ ཡོངས་སྡོམས་ ༡༩ ཡོད་ས་ལས་ འཐུས་མི་ ༡༥ གིས་དགོ་དང་ ༤ གིས་ རྒྱབ་སྐྱོར་མེད་པའི་ ཚོགས་རྒྱན་སྐྱུར་ཏེ་ དཔྱད་ཡིག་འདི་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།
དེ་བཟུམ་སྦེ་ར་ རང་བཞིན་ཐོན་སྐྱེད་དང་ མཐའ་འཁོར་ཚོགས་ཆུང་གི་ཁྲི་འཛིན་ ལྷུན་རྩེ་གི་ཆེད་བསྟོད་ཅན་གྱི་འཐུས་མི་ བསྐལ་བཟང་ལྷུན་གྲུབ་ཀྱིས་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན་) ༢༠༢༤ ཅན་མ་གུ་ ནང་འཁོད་ཞལ་འཛོམས་ནང་ དག་བཅོས་དང་བདེ་སྒྲིག་མཛད་ཡོད་མི་ཚུ་ སྙན་ཞུ་མདོར་བསྡུས་ཅིག་ཕུལ་བའི་ཤུལ་ ཚོགས་ཁང་གིས་ ཆ་སྦྱོར་གནང་བའི་སྐབས་ རྒྱན་སྐྱུར་ཚོགས་གྲལ་ འཐུས་མི་ཡོངས་བསྡོམས་ ༡༩ ཡོད་ས་ལས་ ༡༢ ཀྱིས་དགོ་དང་ ༥ གིས་མིན་དགོ་ འཐུས་མི་ ༢ ཀྱིས་འཛེམས་བཞུགས་ཏེ་ ཉུང་མཐའི་ཚོགས་རྒྱན་ ༡༣་ མ་འཐོབ་ལས་བརྟེན་ ཆ་སྦྱོར་གྲུབ་མ་ཚུགས།
དེ་གི་ཡང་མ་དོ་བར་ འབྲུག་གི་ ནོར་ཁྲལ་དགོངས་ཡངས་ཀྱི་དཔྱད་ཡིག་ ༢༠༢༤ ཅན་མའི་ འགོ་འཛིན་པ་ དཔལ་འབྱོར་ལས་དོན་ཚོགས་ཆུང་གི་འཐུས་མི་ པདྨ་དགའ་ཚལ་གྱི་ཆེད་བསྟོད་ཅན་གྱི་འཐུས་མི་ ཌོག་ཊར་ འཇམ་དབྱངས་རྣམ་རྒྱལ་གྱིས་ དཔྱད་ཡིག་ཡོངས་རྫོགས་སྦེ་ཆ་འཇོག་འབད་ནིའི་དོན་ལུ་ སྙན་ཞུ་ཕུལ་གནང་ཏེ་ ཚོགས་དམངས་ཀྱི་ཆ་འཇོག་གནང་བའི་སྐབས་ རྒྱན་སྐྱུར་ཚོགས་གྲལ་ འཐུས་མི་ཡོངས་བསྡོམས་ ༡༨ ཡོད་ས་ལས་ ༡༣ གྱིས་དགོ་དང་ ༤ གིས་མིན་དགོ་ འཐུས་མི་ ༡ གིས་ འཛེམས་བཞུགས་ཏེ་ དཔྱད་ཡིག་འདི་ ཕྱེད་མང་གི་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།
ད་རིས་ ཚོགས་ཁང་ལས་ ཆ་འཇོག་གྲུབ་ཡོད་པའི་དཔྱད་ཡིག་གཉིས་ རྒྱལ་ཡོངས་ཚོགས་འདུ་ལུ་ ལོག་བསྐྱར་གྲོས་ཀྱི་དོན་ལུ་ དྲུང་ཆེན་ཡིག་ཚང་གིས་ གྲ་སྒྲིག་མཛད་དགོ་པའི་ བཀའ་སྐུལ་གནང་ཡོདཔ་ཨིན།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description