
རྒྱལ་ཡོངས་ཚོགས་སྡེ་གིས་ ཌོག་ཊར་མཱན་མོ་ཧན་སིང་མཆོག་ལུ་ གུས་བཏུད་ཞུ་ཡོདཔ།
སྤྱི་ཚེས་ ༣༡/༡༢/༢༠༢༤ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་མི་རྗེ་ཁྲི་འཛིན་གྱིས་གཙོས་པའི་ ཆེད་བསྟོད་ཅན་གྱི་འཐུས་མི་ཡོངས་དང་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཐིམ་ཕུག་རྒྱ་གར་སྐུ་ཚབ་ཡིག་ཚང་གིས་ རྒྱ་གར་གྱི་བློན་ཆེན་བགྲེསཔ་ ཞིང་གཤེགས་ཌོག་ཊར་མཱན་མོ་ཧན་སིང་མཆོག་གི་དོན་ལུ་ འགོ་འདྲེན་འཐབ་མི་མྱ་ངན་གྱི་དེབ་གུ་ མཚན་རྟགས་བཀོད་ནིའི་དོན་ལུ་ བྱོན་ཡོདཔ་ཨིན། དགུང་ལོ་ ༩༢ བཞེས་མི་ ཞིང་གཤེགས་ཌོག་ཊར་མཱན་མོ་ཧན་སིང་མཆོག་འདི་ཡང་ སྤྱི་ཚེས་ ༢༦/༡༢/༢༠༢༤ ལུ་ ཞིང་ཕེབས་ཡོདཔ་ཨིན།
ཌོག་ཊར་མཱན་མོ་ཧན་སིང་མཆོག་གིས་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ ཡུན་བརྟན་གྱི་མཐུན་ལམ་བརྟན་ཏོག་ཏོ་བཟོ་གནང་མི་ དབུ་ཁྲིདཔ་ངོ་མ་ཅིག་ཨིནམ་ལས་ ཌོག་ཊར་མཆོག་ཞིང་ལུ་ཕེབས་མི་འདི་གིས་ རྒྱ་འབྲུག་གཉིས་ལུ་གྱོང་རྒུད་སྦོམ་ཕོག་ཡོདཔ་ཨིན་རུང་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་མཉམ་འབྲེལ་འདི་ ཡུན་བརྟན་སྦེ་ལུས་ཡོདཔ་ཨིན།
དེ་འབདཝ་ལས་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་རྒྱལ་ཁབ་ཀྱི་མི་ཡོངས་ཀྱི་མགྲིན་ཚབ་སྦེ་ ཌོག་ཊར་མཆོག་གི་བཟའ་ཚང་དང་ ལྷག་པར་ རྒྱ་གར་རྒྱལ་ཁབ་ཀྱི་མི་སེར་ཡོངས་ལུ་ མྱ་ངན་གྱི་སེམས་གསོ་ཕུལཝ་ཨིན།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description